༑ འབྲུག་གནས་མཇལ་གྱི་ལམ་ཡིག་རགས་བསྡུས།
Bhutan Pilgrimage - Jan, 2018 .....Kargyu Dondup

ཀ༽ ཐིམ་བུ་དང་དེའི་ཉེ་འཁོར།
ཀ་༡། རྟ་མགོ་ལྷ་ཁང་། (Tago Monastery) ཐིམ་བུ་ནས་ཀི་ལོ་མི་ཀྲར་ ༡༦ མཚམས་ཡོད་པ་དང་། སྣུམ་འཁོར་བཀག་ས་ནས་རི་ལ་ཡར་མར་དང་གནས་གཟིགས་བཅས་ལ་ཆུ་ཚོད་ ༢ ཙམ་འགོར་རྒྱུན་བྱེད་ཀྱི་འདུག


ཀ་༢། གཅེས་རི་ལྷ་ཁང་། (Cheri Monastery) རྟ་མགོ་ལྷ་ཁང་ནས་ཐིམ་བུར་ཕྱིར་ལོག་སྐབས་ལམ་དུ་འཁེལ་བ་དང་། སྣུམ་འཁོར་བཀག་ས་ནས་རི་ལ་ཡར་མར་ཆུ་ཚོད་ ༢་༣༠ ཙམ་འགོར་རྒྱུན་བྱེད་ཀྱི་འདུག

ཀ་༣། བདེ་ཆེན་ཕུག རྟ་མགོ་ལྷ་ཁང་ནས་ཐིམ་བུར་ཕྱིར་ལོག་སྐབས་སྐར་མ་ ༡༥ ཙམ་གཞུང་ལམ་ནས་ཐོན་ཏེ་སྣུམ་འཁོར་གྱི་ལམ་གཞན་ཞིག་ཟུང་སྟེ་འགྲོ་དགོས་འདུག དེར་ལྷ་ཁང་དང་དགོན་ཁང་བཅས་མཇལ་རྒྱུ་འདུག ནང་དུ་འགྲོ་བ་ལ་ཕྱུ་པ་ངེས་པར་དུ་གྱོན་དགོས་འདུག


ཀ་༤། གུ་རུའི་ལྷ་ཁང་། རྟ་མགོ་ལྷ་ཁང་ནས་ཐིམ་བུར་ཕྱིར་ལོག་སྐབས་ལམ་དུ་འཁེལ་གྱི་འདུག
ཀ་༥། སྒྲོལ་མ་ལྷ་ཁང་། གོང་བཞིན་ཐིམ་བུའི་ལམ་དུ་འཁེལ་གྱི་འདུག
ཀ་༦། སྤྱན་སྒང་ཁ་ལྷ་ཁང་། (Changangkha Monastery) ལྷ་ཁང་འདི་ཐིམ་བུ་རྒྱལ་སའི་ནང་འདུག ཁྲོམ་དཀྱིལ་ནས་གླ་འཁོར་ནང་སྐར་མ་ ༡༠ ལྷག་འགྲོ་དགོས་མི་འདུག ཕྱུ་པ་གྱོན་ན་མ་གཏོགས་ནང་ལ་གཏོང་གི་མི་འདུག


ཀ་༧། གཞན་ཡང་ཐིམ་བུ་ནང་བདེ་ཆེན་ཕོ་བྲང་ལྷ་ཁང་ (Dechenphodrang Monastery) ཞེས་པ་ཐིམ་བུ་ནས་གླ་འཁོར་ནང་སྐར་མ་ ༢༠ ཙམ་གྱི་མཚམས་དུ་ཡོད་པའི་ནང་སྐུ་བརྙན་དང་སྐུ་ཐང་རྙིང་མ་མང་དག་ཡོད་འདུག་པ་དང་། ཟངས་མདོག་དཔལ་རི། ཡང་སྤང་རི་ཛམ་པ་ལྷ་ཁང་ (Pangrizampa Monastery) ཞེས་པ་ཞིག་རྟ་མགོ་ལྷ་ཁང་ཡར་མར་འགྲོ་སྐབས་ལམ་ལ་འཁེེལ་གྱི་འདུག

གོང་གསལ་གནས་ ཀ་༡། ནས་ ཀ་༦། བར་མཇལ་རྒྱུར་ཉིན་གཅིག་འགོར་གྱི་འདུག

ཁ༽ བུམ་ཐང་དང་དེའི་ཉེ་འཁོར།
ཁ་༡། སྟང་རི་མོ་ཅན་ལྷ་ཁང་། ལྷ་ཁང་འདི་ནང་གུ་རུ་རིན་པོ་ཆེ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཟངས་མདོག་དཔལ་རི་བཅས་ཀྱི་སྐུ་མཇལ་རྒྱུ་ཡོད་འདུག ལྷ་ཁང་གི་ཤོད་ལམ་ཟུར་ན་ཨོ་རྒྱན་པདྨས་མཁའ་འགྲོར་སྦྱོར་བ་མཛད་པའི་སྐུ་རྗེས་ཞེེས་བྲག་ཅིག་མཇལ་རྒྱུ་འདུག བུམ་ཐང་ནས་གླ་འཁོར་ནང་ཆུ་ཚོད་ ༡ ལྷག་ཙམ་འགྲོ་དགོས་འདུག ཕྱིར་ལོག་སྐབས་ཀུན་བཟང་བྲག་གམ་ཀུན་ཏུ་བཟང་པོའི་བྲག་དང་། སྟང་ཨ་ནེ་ལྷ་ཁང་། མེ་འབར་མཚོ་བཅས་མཇལ་ཐུབ་ཀྱི་འདུག



ཁ་༢། ཀུན་བཟང་བྲག་གམ་ཀུན་ཏུ་བཟང་པོའི་བྲག སྟང་རི་མོ་ཅན་ལྷ་ཁང་མཇལ་ཏེ་བུམ་ཐང་ལ་ལོག་སྐབས་སྟང་ཨ་ནེ་ལྷ་ཁང་མ་འབྱོར་གོང་ལག་གཡས་ངོས་ལ་ལམ་ཞིག་འདུག་པར་དེར་ཀུན་བཟང་བྲག་ཏུ་འགྲོ་ལམ་ཡིན་པའི་མིང་བྱང་ཡང་སྦྱར་འདུག རི་འདེབས་གང་འཚམས་བར་གླ་འཁོར་འཁྲིད་ཐུབ་ཀྱང་དེ་ནས་གོམ་པ་རྒྱག་དགོས། ས་གནས་སུ་འབྱོར་བ་དང་ལྷ་ཁང་ཨ་མ་དུས་རབ་ ༡༥ པའི་ནང་གུ་རུ་རིན་པོ་ཆེའི་བཞུགས་གནས་དང་། དེ་རྗེས་གཏེར་སྟོན་པདྨ་གླིང་པའི་བཞུགས་གནས་ཡིན་འདུག གཞན་གུ་རུ་རིན་པོ་ཆེའི་ཞབས་རྗེས་དང་། གུ་རུ་རིན་པོ་ཆེའི་ཐུགས་སྲས་ཟླ་བའི་ཕྱག་བཟོ་མཆོད་རྟེན་དང་ཕྱག་འཁར་ཤུག་པའི་སྡོང་པོ་སོགས་མཇལ་རྒྱུ་འདུག འབྲུག་ནང་དུ་ཡོངས་གྲགས་སུ་བྲག་བཞི་ཞེས་གྲངས་ཚུལ་ཡོད་པ་ནས་གཅིག་རེད་འདུག




ཁ་༣། སྟང་ཨ་ནེ་ལྷ་ཁང་། སྟང་རི་མོ་ཅན་ལྷ་ཁང་མཇལ་ཏེ་ཕྱིར་ལོག་སྐབས་ལག་གཡས་ངོས་ལ་ལམ་ཞིག་འདུག་པ་དེར་སྟང་ཨ་ནེ་ལྷ་ཁང་འགྲོ་ལམ་ཡིན་པའི་མིང་བྱང་ཡང་སྦྱར་འདུག ལྷ་ཁང་རྙིང་མ་ཡིན་ཁར་གཏེར་སྟོན་པདྨ་གླིང་པའི་སྙིང་དགོན་པདྨ་ཆོས་གླིང་བཙུན་དགོན་ཡིན་འདུག་པ་བཙུན་མ་གང་ཙམ་འདུག


ཁ་༤། མེ་འབར་མཚོ། (Burning Lake) སྟང་རི་མོ་ཅན་ལྷ་ཁང་མཇལ་ཏེ་ཕྱིར་ལོག་སྐབས་སྟང་ཨ་ནེ་ལྷ་ཁང་ནས་སྐར་མ་ ༢༠ ཙམ་གྱི་མཚམས་ལ་ལག་གཡོན་ངོས་སུ་སྣུམ་འཁོར་བཀག་ས་ཞིག་འདུག་པ་དེར་མེ་འབར་མཚོ་མཇལ་དུ་འགྲོ་མཁན་རྣམས་མར་བབས་ཏེ་སྐར་མ་ ༡༠ ཙམ་གོམ་པ་རྒྱག་དགོས་འདུག མེ་འབར་མཚོ་སྐོར་ཞིབ་ཕྲ་གཤམ་གསལ་ལྟར་ངོ་སྤྲོད་གནང་འདུག་ལགས།


པདྨ་བཀའ་ཐང་ལས། མེ་འབར་མཚོ་ལ་སྦས་པའི་གཏེར་ཁ་འདི། མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། ཨོ་རྒྱན་པདྨ་གླིང་པ་ཞེས་བྱ་འབྱུང་། ཞེས་ཨོ་རྒྱན་མ་ཧཱ་གུ་རུས་བསླུ་མེད་རྡོ་རྗེའི་གསུང་གིས་ལུང་བསྟན་པ་ལྟར། གཏེར་སྟོན་རྒྱལ་པོ་ལྔའི་བཞི་པར་བསྔགས་པ་རིག་འཛིན་པདྨ་གླིང་པ་མཆོག་དགུང་ལོ་ ༢༧ བཞེས་པ་དབྱིན་ལོ་ ༡༤༧༦ མེ་སྤྲེལ་ལོར་ཨོ་རྒྱན་རིན་པོ་ཆེས་ཞལ་དངོས་སུ་བསྟན་ནས་གཏེར་ཁ་བརྒྱ་དང་རྩ་བརྒྱད་ཀྱི་ཁ་བྱང་ཕྱག་ཏུ་གནང་བ་བཞིན། སྟོན་ཟླ་ར་བའི་ཚེེས་བཅོ་ལྔ་ཉིན། མི་མང་ཚོགས་པའི་ཁྲོད་དུ་ཕྱག་ན་སྒྲོན་མེ་བསྣམས་ནས་མེ་འབར་མཚོ་ནང་ཐོགས་མེད་དུ་བྱོན་ཏེ། སྟོན་པའི་སྐུ་དང་ཐོད་པ་ཁ་སྦྱར་དམ་རྫས་ཀྱིས་བཀང་བའི་གཏེར་ཕྱག་ཏུ་བསྣམས་ནས་ཕྱག་གི་སྒྲོན་མེ་ཡང་མ་ཤི་བར་མཚོ་སྟེང་ཏུ་ཕེབས་པས་དེར་འདུས་སྐྱེ་བོ་ཐམས་ཅད་ངོ་མཚར་ཡིད་ཆེས་དད་པའི་གནས་ལ་བཀོད་དེ། ཐར་པའི་ས་བོན་རྒྱུད་ལ་བསྐྲུན་པར་མཛད་པ་ནས་བཟུང་མེ་འབར་མཚོ་ཞེས། ཕྱོགས་ཀུན་ཏུ་རླུང་ལྟར་བསྒྲགས་པའི་གཏེར་གནས། བྲག་ལོགས་ལ་སྔགས་སྲུང་མའི་ནུ་མའི་དབྱིབས་འབུར་དུ་དོད་པ་གཏེར་གྱི་ལྡེ་མིག་སོགས་མཇལ་དུ་ཡོད་ཅིང་། དུས་བཟང་རྣམས་སུ་སྐལ་ལྡན་ལས་ཅན་རིགས་ལ་མཚོ་མཇལ་སྟོན་པ་སོགས་ཀུན་གྱིས་མཐོང་ཐོས་སུ་གླེང་། དེ་ལྟར་གུ་རུ་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་ཤིང་ཆོས་ནོར་དམ་རྫས་སོགས་ཀྱིས་ཕྱུག་པའི་གཏེར་གནས་མེ་འབར་མཚོ་འདིར་དད་ལྡན་མཆོག་དམན་ཡོངས་ནས་གནས་འབྲེལ་མཆོད་འབུལ་ཐུགས་སྨོན་རེ་མཛད་གནང་ན་འབད་པ་དོན་ལྡན་ལགས་པས་ཀུན་གྱི་ཐུགས་ལ་མངའ་བ་མཁྱེན།།

ཁ་༥། བྱམས་པ་ལྷ་ཁང་། (Jampa Monastery) མ་འོངས་པའི་སངས་རྒྱས་རྗེ་བཙུན་བྱམས་པ་མགོན་པོའི་ གནས་རྩ་ཆེན་ཞིག་རེད་འདུག དུས་རབས་བདུན་པའི་ནང་བོད་རྒྱལ་སྲོང་བཙན་སྒམ་པོས་བཞེངས་པ་ཡིན་འདུག སྐུ་བརྙན་རྙིང་མ་མང་དག་དང་མགོན་པོ་ཕྱག་དྲུག་བཅས་མཇལ་རྒྱུ་འདུག བུམ་ཐང་གྲོང་ཁྱེར་ནས་གླ་འཁོར་ནང་སྐར་མ་ ༡༥ ཙམ་གྱི་མཚམས་ན་འདུག འབྲུག་ཚོའི་འཇམ་པ་ལྷ་ཁང་ཞེས་བྲིས་སྲོལ་འདུག


ཁ་༦། སྐུ་རྗེས་ལྷ་ཁང་། (Kuje Monastery) གུ་རུ་རིན་པོ་ཆེའི་བསྒྲུབ་ཁང་ཡིན་པ་དང་སྐུ་རྗེས་བཞག་ཡོད་པ་ན་སྐུ་རྗེས་ལྷ་ཁང་ཞེས་གྲགས། ལྷ་ཁང་གི་རྒྱབ་དེར་གུ་རུ་རིན་པོ་ཆེའི་ཕྱག་འཁར་རེད་ཟེར་ནས་ཤུག་པའི་སྡོང་པོ་ཞིག་ཀྱང་མཇལ་རྒྱུ་འདུག ལྷ་ཁང་འདི་ནས་འབྱུང་བ་བཞིའི་གནོད་པ་འགོག་རྒྱུའི་རིལ་བུ་ཞིག་ཀྱང་གནང་གིས་འདུག


ཁ་༧། སྒྲུབ་ཆུ། (Drub Chu or Holy Water) སྐུ་རྗེས་ལྷ་ཁང་ནས་སྐར་མ་ ༡༥ ཙམ་གོམ་པ་བརྒྱབ་སྟེ་ ཕྱིན་ན་གུ་རུ་རིན་པོ་ཆེ་ཡི་དུས་རབས་བརྒྱད་པའི་ནང་གི་ཁྱད་ཆོས་བརྒྱད་དང་ལྡན་པའི་སྒྲུབ་ཆུ་ཞིག་མཇལ་རྒྱུ་འདུག


ཁ་༨། གཏམ་ཞིང་ལྷ་ཁང་། (Tamshing Monastery) སྒྲུབ་ཆུ་མཇལ་རྗེེས་གླ་འཁོར་ནང་སྐར་མ་ ༡༥ ཙམ་སོང་ན་ཟམ་པ་ཞིག་འདུག་པ་དེ་ནས་གོམ་པ་བརྒྱབ་སྟེེ་སྐར་མ་ ༣༠ ཙམ་སོང་མཚམས་ན་ལག་གཡས་ངོས་ ལ་འདུག གཏམ་ཞིང་ལྷ་ཁང་གི་སྟེང་ཐོག་ཏུ་མགོན་ཁང་ཞིག་ཀྱང་འདུག


ཁ་༩། དཀོན་མཆོག་གསུམ་ལྷ་ཁང་། གཏམ་ཞིང་ལྷ་ཁང་ནས་གོམ་པ་བརྒྱབ་སྟེ་ཕྲན་བུ་སོང་ཚེ་ལག་གཡོན་ངོས་ལ་དཀོན་མཆོག་གསུམ་གྱི་ལྷ་ཁང་དུ་སླེབ་ཀྱི་འདུག ལྷ་ཁང་འདིར་ལྷ་ལུང་པད་གླིང་ལྷ་ཁང་དང་། རྩེ་ལུང་ལྷ་ཁང་ཞེེས་ཀྱང་འབོད་ཀྱི་ཡོད་འདུག ལྷ་ཁང་སྐོར་ངོ་སྤྲོད་གཤམ་གསལ་ལྟར་གནང་འདུག

Kunchogsum Lhakhang is one of the earliest Buddhist temples in Bhutan. Tibetan emperor Trisong Duetsen upon intsruction of Guru Rinpoche in 9th century first built the temple for propagation of dharma and promulgation of peace and prosperity beyond the southern border of his empire, which is currently Bhutan.

Guru Rinpoche himself visited Bumthang to design the temple and perform auspicious consecration ceremony. He has also hidden several sacred treasure texts and relics that were later discovered by Terton Boenpo Draksel and Pema Lingpa. Later in 1479, Pema Lingpa renovated then temple fulfilling Padmasambhava's prophesy regarding future prosperity of the temple.

The main relics include statue of Buddha of three times which is believed to have flown from Kusumphel, Kurtoe. This is how the name of the temple Kunchogsum meaning Three jewels was derived due to the presence of these three statues. Another sacred relic preserved is a large bell, which is believed to have been offered by Nagas to Guru Rinpoche during foundation laying ceremony of the temple. The offering site today is located inside main hall of the new temple.


ཁ་༡༠། བདུད་འཇོམས་སྨིན་སྒྲོལ་དགའ་ལྡན་བཤད་སྒྲུབ་གླིང་། དཀོན་མཆོག་གསུམ་ལྷ་ཁང་ནས་གླ་འཁོར་ནང་སྐར་ མ་ ༡༠ ཙམ་གྱི་མཚམས་ན་འདུག དགོན་པ་འདི་རྣམ་སྙིང་སྐུ་ཕྲེང་བདུན་པའི་གདན་སར་ཕྱག་བཏབ་པ་རེད་ འདུག


ཁ་༡༡། ལྷོ་བྲག་སྲས་མཁར་གྲ་ཚང་ངམ་བུམ་ཐང་དབང་འདུས་ཆོས་གླིང་ཞེས་པ་འདི་བུམ་ཐང་གྲོང་ཁྱེར་ནང་འདུག དགོན་པ་འདི་ནས་བདུག་རྫས་ཤིག་གནང་གིས་འདུག འབྲུག་ངོ་སྤྲོད་ཀྱི་དེབ་ནང་ Thangbi Monastery ཞེས་པ་ཞིག་གསལ་གྱི་འདུག་པ་དགོན་པ་འདི་མིན་ནམ་སྙམ།


ཁ་༡༢། བུམ་ཐང་ཁུལ་ད་དུང་ངང་དགོན་པ་དང་། བུམ་ཐང་ནས་ཕར་ཚུར་ཆུ་ཚོད་ཁ་ཤས་གླ་འཁོར་ནང་འགྲོ་དགོས་ཀྱི་ ཐར་པ་གླིང་ལྷ་ཁང་། ཐོ་བ་བྲག་དགོན་པ།(Thowadra Monastery) དབུ་ར་ལྷ་ཁང་ (Ura Lhakhang) སོགས་ཡོད་འདུག
གོང་གསལ་ ཁ་༡། ནས་ ཁ་༤། བར་གྱི་གནས་རྣམས་མཇལ་རྒྱུར་ཉིན་གཅིག་དང་། ཁ་༥། ནས་ ཁ་༡༡ བར་གྱི་གནས་རྣམས་མཇལ་རྒྱུར་ཉིན་གཅིག་བཅས་འགོར་གྱི་འདུག

ག༽ བུམ་ཐང་ནས་ཐིམ་བུའི་ལམ་ལ།
ཐིམ་བུ་ནས་བུམ་ཐང་ངམ་བུམ་ཐང་ནས་ཐིམ་བུ་བར་གང་ཟེར་ཡང་རུང་གཞུང་ལམ་རྒྱ་ཆེ་རུ་གཏོང་བཞིན་འདུག་ པར་བརྟེན་གླ་འཁོར་ཆུང་བའི་ནང་ཡང་ཆུ་ཚོད་ ༡༠ མིན་ཙམ་འགོར་གྱི་འདུག དེར་བརྟེན་ཐིམ་བུ་ནས་བུམ་ཐང་ བར་ཕར་ཚུར་གཉིས་ལ་གཤམ་གསལ་གནས་རྣམས་ལམ་ལ་འཁེལ་གྱི་འདུག་པས་ཁག་གཅིག་ཕར་ལམ་དང་ཁག་གཅིག་ཚུར་ལམ་མཇལ་གནང་ཚེ་ཟུར་དུ་ཕེབས་མི་དགོས་པའི་ཁེ་ཕན་འདུག
ག་༡། མཐའ་འདུལ་ཡང་འདུལ་ལྷ་ཁང་། བུམ་ཐང་ནས་ཐིམ་བུར་ཕྱིར་ལོག་སྐབས་སྐར་མ་ ༣༠ ཙམ་གྱི་མཚམས་ན་གཞུང་ལམ་གྱི་གྲམ་དེེར་འདུག


ག་༢། སྤྱན་འདེབས་རྗེ་མཆོད་རྟེན། (Chendebji Chorten) བུམ་ཐང་ནས་ཐིམ་བུར་ཕྱིར་ལོག་སྐབས་ གཞུང་ལམ་སྟེང་གླ་འཁོར་བཀག་སྟེ་སྐར་མ་ ༥ ཙམ་ལས་གོམ་པ་རྒྱག་དགོས་མི་འདུག མཆོད་རྟེན་འདི་ བལ་ཡུལ་གྱི་བྱ་རུང་ཁ་ཤོར་མཆོད་རྟེན་ལ་དཔེ་བླང་སྟེ་བཞེངས་པ་ཡིན་འདུག


ག་༣། འཆི་མེད་ལྷ་ཁང་། (Chime Lhakhang) བུམ་ཐང་ནས་ཐིམ་བུ་ཕྱིར་ལོག་སྐབས་པུ་ན་ཁ་གྲོང་ཁྱེར་ནས་གླ་འཁོར་ནང་སྐར་མ་ ༡༥ ཙམ་སོང་རྗེས་གླ་འཁོར་ནས་བབས་ཏེ་གོམ་པ་བརྒྱབ་སྟེ་སྐར་མ་ ༡༠ ཙམ་འགྲོ་ དགོས་འདུག ལྷ་ཁང་གི་ངོ་སྤྲོད་གཤམ་གསལ་ལྟར་བཀོད་འདུག

Lama Drukpa Kuenley (1455 to 1570) was an enlightened Buddhist master who personified the true essence of Vajrayana tradition that is also known as "Crazy Wisdom". This is the profound wisdom that transcends the mundane cultures of religion.

Devotees fondly call Lama Drukpa Kuenley the "Divine Madman", because of his non-conventional and outrageous style of teaching. He deliberately portrayed the image of a vagabond and wandered around the countryside indulging in song and dances, alcohol and women, hunting and feasting. In reality, what it meant was that he was beyond the norms and conventions established by human society.

Lama Drukpa Kuenley was a social critic who taunted the hypocrisy of the established orders including the monastic order. Thus the use of his phallus as a "flaming thunderbolt" weapon symbolises the discomfort that society experiences when facing the truth Lama Drukpa Kuenley 's most outrageous and sacred actions included the taming of a number of demons and domonesses that were tormenting the Bhutanese people. For example, he subjugated the infamous and much feared demoness of Dachula and buried her on the mound where Chime Lhakhang was built in the late 15th century by his cousin brother Lama Ngawang Choejey.

Lama Drukpa Kuenley liberated generation after generation of Buddhists from cyclic existence. Buddhists from all over the world come to Chime Lhakhang to pray for the survival and health of their children.


ག་༤། བུམ་ཐང་དང་ཐིམ་བུ་གཉིས་ཀྱི་དབར་ལ་གནས་གཞན་ཡང་མཇལ་རྒྱུ་ཡོད་པ་ནི།
༡༽ འབྲུག་དབང་རྒྱལ་ཁང་བཟང་མཆོད་རྟེན། (Druk Wangyal Khangzang Stupa) ཐིམ་བུ་ནས་གླ་འཁོར་ནང་ཆུ་ཚོད་ ༠་༣༠ ཙམ་གྱི་རྒྱང་ཁྱད་ན་མཆོད་རྟེན་ ༡༠༨ མཇལ་རྒྱུ་འདུག

༢༽ ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན། (Khamsum Yueley Namgyal Stupa) པུ་ན་ཁ་ནས་ཀི་ལོ་མི་ཀྲར་བདུན་ཙམ་གྱི་མཚམས་སུ་ཡོད་འདུག
༣༽ རྟ་ལོ་གསང་སྔགས་ཆོས་གླིང་། (Talo Sangacholing) འདི་ནི་པུ་ན་ཁའི་གྲོང་ཁྱེར་རྟ་ལོ་ཟེར་བ་དེར་ཡོད་འདུག་པ་དང་། སྐུ་རུ་ཐང་གྲོང་སྡེ་མ་སླེབ་སྔོན་ལམ་གཞན་ཞིག་ཡོད་འདུག་པ་དེ་ནས་ཀི་ལོ་མི་ཀྲར་༡༦ མཚམས་ཡོད་འདུག
ང་༽ པ་རོ་དང་དེའི་ཉེ་འཁོར།
ང་༡། རྟ་མཆོག་ལྷ་ཁང་། (Tamchog Monastery) རྟ་མཆོག་ལྷ་ཁང་འདི་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ བཞེངས་པ་ཡིན་འདུག གཞུང་ལམ་ཐོག་སྣུམ་འཁོར་བཀག་སྟེ་གཞུང་ལམ་ནས་མར་བབས་ཚེ་ཐང་སྟོང་རྒྱལ་ པོའི་བཞེངས་པའི་ལྕགས་ཟམ་ཞིག་ཀྱང་མཇལ་རྒྱུ་འདུག་པ་དང་དེང་བེད་སྤྱོད་བྱེད་ཀྱི་མི་འདུག འགྲུལ་བཞུད་ ཆེད་ཟམ་པ་གསར་པ་ཞིག་འདུག་པ་དེ་བརྒྱུད་རྟ་མཆོག་ལྷ་ཁང་ལ་འགྲོ་དགོས་འདུག་པར་སྐར་ ༣༠ ཙམ་གོམ་པ་ རྒྱག་དགོས་འདུག ཐིམ་བུ་ནས་པ་རོ་འགྲོ་སྐབས་ལམ་ལ་འཁེལ་གྱི་འདུག

༢༽ ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན། (Khamsum Yueley Namgyal Stupa) པུ་ན་ཁ་ནས་ཀི་ལོ་མི་ཀྲར་བདུན་ཙམ་གྱི་མཚམས་སུ་ཡོད་འདུག
༣༽ རྟ་ལོ་གསང་སྔགས་ཆོས་གླིང་། (Talo Sangacholing) འདི་ནི་པུ་ན་ཁའི་གྲོང་ཁྱེར་རྟ་ལོ་ཟེར་བ་དེར་ཡོད་འདུག་པ་དང་། སྐུ་རུ་ཐང་གྲོང་སྡེ་མ་སླེབ་སྔོན་ལམ་གཞན་ཞིག་ཡོད་འདུག་པ་དེ་ནས་ཀི་ལོ་མི་ཀྲར་༡༦ མཚམས་ཡོད་འདུག

ང་༽ པ་རོ་དང་དེའི་ཉེ་འཁོར།
ང་༡། རྟ་མཆོག་ལྷ་ཁང་། (Tamchog Monastery) རྟ་མཆོག་ལྷ་ཁང་འདི་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ བཞེངས་པ་ཡིན་འདུག གཞུང་ལམ་ཐོག་སྣུམ་འཁོར་བཀག་སྟེ་གཞུང་ལམ་ནས་མར་བབས་ཚེ་ཐང་སྟོང་རྒྱལ་པོའི་བཞེངས་པའི་ལྕགས་ཟམ་ཞིག་ཀྱང་མཇལ་རྒྱུ་འདུག་པ་དང་དེང་བེད་སྤྱོད་བྱེད་ཀྱི་མི་འདུག འགྲུལ་བཞུད་ ཆེད་ཟམ་པ་གསར་པ་ཞིག་འདུག་པ་དེ་བརྒྱུད་རྟ་མཆོག་ལྷ་ཁང་ལ་འགྲོ་དགོས་འདུག་པར་སྐར་ ༣༠ ཙམ་གོམ་པ་རྒྱག་དགོས་འདུག ཐིམ་བུ་ནས་པ་རོ་འགྲོ་སྐབས་ལམ་ལ་འཁེལ་གྱི་འདུག

ང་༢། རྫོང་བྲག་ཁ་ལྷ་ཁང་། (Dzongdrakha Monastery) ལྷ་ཁང་འདིར་གུ་རུ་གསུང་བྱོན་ལྷ་ཁང་ཡང་ ཟེར་གྱི་ཡོད་འདུག དེ་ནི་གུ་རུ་རིན་པོ་ཆེ་བྲག་དཀར་པོ་ནས་ཕུར་ཏེ་ཕེེབས་པ་དང་དད་རྟེན་ཆེད་གནས་བརྟན་ བྱང་ཆུབ་བཟང་པོའི་གུ་རུའི་སྐུ་བཞེངས་སྐབས་སྐུ་ཆེ་ཆུང་ཀྱི་ཚད་གཞི་གུ་རུ་རིན་པོ་ཆེ་ནས་གསུང་བྱོན་པ་ གྲགས ལྷ་ཁང་ཨ་མའི་ནང་རྗེ་བཙུན་བྱམས་པ་མགོན་པོ་དང་། སྒྲོལ་མ། གུ་རུ་རིན་པོ་ཆེ། ཚེ་རིང་མ་སོགས་ ཀྱི་སྐུ་མཇལ་རྒྱུ་འདུག གཞན་ཡང་འགུལ་བཤེར་དཀར་མོའི་མཆོད་རྟེན་ཞེས་པ་མཆོད་རྟེན་དབུ་དང་ཞབས་ གཉིས་མེད་པ་མཆོད་རྟེན་བང་རིམ་གཉིས་ཅན་ཞིག་དང་། གྲུབ་ཐོབ་མགོན་པོ་རྡོ་རྗེའི་གྲུབ་ཁང་། དམ་ཆོས་རྡོ་རྗེ་ལེགས་པས་སྦལ་བ་ཞིག་ནས་གཏེར་བཞི་སྟོན་ས། རྒྱང་ནས་སྤྱན་ཆུ་ལྷ་ཁང་དང་མ་ཎི་ལྷ་ཁང་བཅས་མཇལ་ཐུབ་ ཀྱི་འདུག ལྷ་ཁང་གི་མཚམས་ཙམ་བར་སྣུམ་འཁོར་འགྲོ་ཐུབ་ཀྱི་འདུག


ང་༣། སྐྱིད་ཆུ་ལྷ་ཁང་། (Kichu Monastery) པ་རོ་གྲོང་ཁྱེར་ནང་གི་ལྷ་ཁང་འདི་དུས་རབས་བདུན་པའི་ནང་བོད་རྒྱལ་སྲོང་བཙན་སྒམ་པོའི་བཞེངས་གནང་པ་ཡིན་འདུག དུས་རབས་བརྒྱད་པའི་ནང་གུ་རུ་རིན་པོ་ཆེ་བྱོན་ཏེ་གཏེར་མང་པོ་སྦས་པ་གསལ། རྟེན་གཙོ་གུ་རུ་རིན་པོ་ཆེ་ཡིན་འདུག་པ་དང་། དིལ་མགོ་མཁྱེན་རྩེ་རིན་པོ་ཆེའི་ སྐུ་ཞིག་ཀྱང་མཇལ་རྒྱུ་འདུག ལྷ་ཁང་གཞན་ཞིག་ནང་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་གཞན་སྤྱན་རས་གཟིགས་ཀྱི་སྐུ་མང་པོ་མཇལ་རྒྱུ་འདུག ལྷ་ཁང་འདི་མཇལ་རྒྱུའི་དུས་ཚོད་ཕྱི་དྲོ་ ༤།༠༠ བར་ཡིན་འདུག་ པ་དང་ཕྱག་འཁྱེར་ཡང་ཉོས་དགོས་འདུག


ང་༤། དུང་ཚེ་ལྷ་ཁང་། (Dungtse Monastery) ལྷ་ཁང་འདི་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་དུས་རབས་ ༡༣ པའི་ནང་བཞེངས་པ་དང་། ལྷ་ཁང་འདི་ནང་དུས་གསུམ་གྱི་སངས་རྒྱས་དང་། ཐང་སྟོང་རྒྱལ་པོ། མར་པ། མི་ལ་རལ་པ་བཅས་ཀྱི་སྐུ་ལྷ་ཁང་ཐོག་རྩེགས་གསུམ་ནང་རིམ་བཞིན་མཇལ་རྒྱུ་འདུག


ང་༥། སེངྒེ་བྲག པ་རོ་གྲོང་ཁྱེར་ནས་སྐར་མ་ ༣༠ ཙམ་གླ་འཁོར་ནང་སོང་རྗེས་རི་འདེབས་ལ་གོམ་པ་བརྒྱབ་སྟེ་ཆུ་ཚོད་ ༡ ཙམ་འགྲོ་དགོས་འདུག འབྲུག་ནང་དུ་ཡོངས་གྲགས་སུ་བྲག་བཞི་ཞེས་གྲངས་ཚུལ་ཡོད་པ་ནས་གཅིག་རེད་འདུག གུ་རུ་རིན་པོ་ཆེ་ནས་མཁའ་འགྲོ་སེང་གདོང་མའི་ཞལ་གྱི་ནང་ལོ་གསུམ་སྒྲུབ་པ་མཛད་གནང་ཡུལ་ཡིན་འདུག


ང་༦། བྲག་དཀར་པོ། འབྲུག་ནང་དུ་ཡོངས་གྲགས་སུ་བྲག་བཞི་ཞེས་གྲངས་ཚུལ་ཡོད་པ་ནས་གཅིག་རེད་འདུག བྲག་འདིར་གུ་རུ་རིན་པོ་ཆེ་གྲུབ་པ་གནང་བ་དང་བྲག་འདི་ནས་གུ་རུ་རིན་པོ་ཆེ་རྫོང་བྲག་ཁ་ལ་ཕུར་ཏེ་ཕེབས་པའི་ལོ་རྒྱུས་འདུག པ་རོ་ནས་སྐར་མ ༢༥ ཙམ་གླ་འཁོར་ནང་སོང་རྗེས་ཤབ་བ་གྲོང་སྡེ་སླེེབ་ཙམ་ལག་གཡོན་ངོས་ལ་ལམ་ཞིག་འདུག དེ་ནས་བྲག་དཀར་པོའི་གཤམ་ཙམ་བར་གླ་འཁོར་འགྲོ་ཐུབ་ཀྱི་འདུག

བྲག་དཀར་པོའི་རི་ཆ་ཚང་ལ་ཞབས་རྗེས་སོགས་མང་དག་དང་ཟུར་ཞིག་ཏུ་བླ་མ་ནམ་མཁའི་ནོར་བུའི་སྒྲུབ་ཁང་རེད་ཟེར་བ་ཞིག་བཅས་མཇལ་རྒྱུ་འདུག བྲག་དཀར་པོའི་སྐོར་ལམ་གྱི་ཤོད་ངོས་སུ་རྟ་མགྲིན་གྱི་གནས་ཀྱི་ལམ་ ཞེས་ངོ་སྤྲོད་གནང་འདུག་པ་ལྟར་མཇལ་རྒྱུ་ཡོད་འདུག



ང་༧། པ་རོ་སྟག་ཚང་། (Takshang Monastery) པ་རོ་སྟག་ཚང་དུ་ལྷ་ཁང་འདྲ་མིན་དགུ་མཇལ་རྒྱུ་འདུག དེའང་གུ་རུ་གསུང་བྱོན་དང་། ཚེ་དཔག་མེད། སྟག་ཚང་། གདུང་རྟེན་མཆོད་རྟེན། སེངྒེ་ཕུག་སོགས་ཡིན། པ་རོ་གྲོང་སྡེ་ནས་སྐར་མ་ ༣༠ ཙམ་གླ་འཁོར་ནང་སོང་རྗེས་སྣུམ་འཁོར་བཀག་ས་ཞིག་སླེབ་པ་དང་། དེ་ནས་གོམ་པ་རྒྱག་པའམ་ལམ་ཕྱེད་བར་རྟ་རེར་སྒོར་ ༦༠༠།༠༠ རེ་སྤྲོད་དགོས་འདུག ཕྱི་རྒྱལ་མི་སྣ་ཚོར་སྒོར་ ༥༠༠།༠༠ ཐམ་པའི་ལག་འཁྱེར་ཀྲི་སི་སྣུམ་འཁོར་བབས་ཚུགས་ཡོད་ས་དེ་ནས་བཅད་དགོས་འདུག དེ་མིན་སྟག་ཚང་གི་ལྷ་ཁང་མཇལ་ཀ་གཏོང་གི་མི་འདུག ལྷ་ཁང་གི་སྒོ་གྲམ་དེར་སྐོར་སྲུང་བ་འདུག་པ་དེར་་དེབ་བཀོད་ཀྱིས་ལག་འཁྱེར་ ཀྲི་སི་ཡོད་མེད་ཞིབ་འཇུག་དང་། དཔར་ཆས་དང་ཁ་དཔར་རིགས་ལྷ་ཁང་ནང་འཁྱེར་ཆོག་གི་མི་འདུག་པས་བཅོལ་ས་འདུག སྣུམ་འཁོར་བབས་ཚུགས་ནས་ཡར་མར་དང་གནས་མཇལ་བཅས་ལ་ཆུ་ཚོད་ ༥ ཙམ་འགོར་ རྒྱུན་བྱེད་ཀྱི་འདུག སྣུམ་འཁོར་བབས་ཚུགས་ཡོད་ས་དེར་འཁར་རྒྱུག་ཉོས་རྒྱུ་འདུག་པས་ཡར་མར་ཕེབས་སྐབས་ཕན་ཐོག་ཆེན་པོ་འདུག


ཅ༽ ཕུན་ཚོགས་གླིང་དང་དེའི་ཉེེ་འཁོར།
ཅ་༡། རིན་ཆེན་ལྡིང་དགོན་པ། (Kharbandi Monastery) ཐིམ་བུའམ་པ་རོ་སོགས་ནས་ཕུན་ཚོགས་གླིང་མ་སླེབ་གོང་སྐར་མ་ ༢༠ ཙམ་གྱི་མཚམས་ན་འདུག

ཅ་༢། ཟངས་མདོག་དཔལ་རི། ཕུན་ཚོགས་གླིང་གྲོང་ཁྱེར་ནང་འདུག


གོང་གསལ་ ང་༡། ནས་ ང་༤། བར་ཉིན་གཅིག་དང་། ང་༥། དང་ ང་༦། གཉིས་ལ་ཉིན་གཅིག ང་༧། ལ་ཉིན་གཅིག་བཅས་འགོར་གྱི་འདུག
ང་༨། གཞན་ཡང་པ་རོ་ནས་ཀི་ལོ་མི་ཀྲར་ ༧༠ ཙམ་གྱི་མཚམས་ན་ལྷ་ཁང་དཀར་པོ་(The White Temple)དང་། ལྷ་ཁང་ནག་པོ་(The Black Temple) ཅེས་པ་ཡོད་འདུག ལྷ་ཁང་འདི་གཉིས་དུས་རབས་བདུན་པའི་ནང་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བཞེངས་པ་ཡིན་འདུག ལྷ་ཁང་ནག་པོ་དེ་བཞིན་མགོན་པོ་ཕྱག་དྲུག་གི་གནས་ཡིན་འདུག ལྷ་ཁང་འདི་གཉིས་ཧ་རྫོང་ནང་ཡོད་པས་ཡང་ན་ཧ་གྲོང་ཁྱེར་དུ་ཞག་སྡོད་དམ་དེ་མིན་པ་རོ་ནས་ཕར་ཕྱིར་ཉིན་ལོག་བྱེད་ཐུབ་ཀྱི་ཡོད་འདུག

ཅ༽ ཆོག་མཆན་ལག་འཁྱེར་དང་འགྲུལ་འཁོར་སྐོར།
བོད་མི་རྒྱ་གར་ནང་གནས་སྡོད་བྱེད་མཁན་ཡིན་ཚེ་རྒྱ་གར་གཞུང་ནས་བོད་མི་ཚོར་གནང་བའི་སྐྱབས་བཅོལ་ལག་འཁྱེར་(R.C) ངོ་མ་དང་དཔར་བཤུས་བཅས་དགོས་འདུག ཕུན་ཚོགས་གླིང་དུ་དེབ་བསྐྱེལ་ལས་ཁུངས་ནང་སོང་སྟེ་འབྲུག་ནང་འགྲུལ་བཞུད་ཆོག་པའི་ལག་འཁྱེར་ (Permit) ཞུ་དགོས་འདུག འབྲུག་གི་ལག་འཁྱེར་དེ་ཕུན་ཚོགས་གླིང་ནས་ཐིམ་བུར་འགྲོ་སྐབས་འགག་སྒོ་གཉིས་འདུག་པར་མིག་སྟོན་བྱེད་དགོས་འདུག ཐིམ་བུ་དང་པ་རོ་ཁུལ་གྱི་གནས་སྐོར་ཆེད་ཕུན་ཚོགས་གླིང་ནས་ཞུས་པའི་ལག་འཁྱེར་དེས་འཐུས་ཀྱི་འདུག ཡིན་ནའང་བུམ་ཐང་ལ་འགྲོ་རྒྱུ་ཡིན་ཚེ་ཐིམ་བུ་ནས་བསྐྱར་དུ་དམིགས་བསལ་ལག་འཁྱེར་ (Special Permit) ཞེས་པ་ཞིག་ཞུ་དགོས་ཀྱི་འདུག ཐིམ་བུ་ནས་བུམ་ཐང་ལ་འགྲོ་སྐབས་ལམ་བར་ལག་འཁྱེར་དེ་ཞིབ་འཇུག་ཞུ་མཁན་འགག་སྒོ་གཉིས་འདུག་པ་དང་། བུམ་ཐང་དུ་ཟ་ཁང་ནང་སྡོད་སྐབས་ལག་འཁྱེར་དེ་མིག་སྟོན་བྱ་དགོས་འདུག བུམ་ཐང་ནས་ཐིམ་བུར་ཕྱིར་ལོག་སྐབས་འགག་སྒོ་གཉིས་པ་དེ་ནས་ལག་འཁྱེར་དེ་ཕྱིར་བསྡུ་བྱེད་ཀྱི་འདུག་པ་དང་། ཡང་ཐིམ་བུ་འམ་པ་རོ་ནས་ཕུན་ཚོགས་གླིང་ལ་ཕྱིར་ལོག་བྱེད་སྐབས་འགག་སྒོ་གཉིས་པ་དེ་ནས་ཕུན་ཚོགས་གླིང་ནས་ཞུས་པའི་ལག་འཁྱེར་དེ་ཕྱིར་བསྡུ་བྱེད་ཀྱི་འདུག

བུམ་ཐང་ལ་འགྲོ་རྒྱུའི་དམིགས་བསལ་ལག་འཁྱེར་དེ་མགྲོན་ཁང་གང་དུ་བསྡད་ཡོད་པ་དེ་ནས་བཟོ་རོགས་བྱེད་ཀྱི་འདུག བཟོ་གླ་མི་རེར་སྒོར་ ༡༠༠།༠༠ རེ་སྤྲོད་དགོས་འདུག་པ་དང་། ཕུན་ཚོགས་གླིང་དུ་ཞུ་རྒྱུའི་ལག་འཁྱེར་དེ་ཡང་འབྲུག་པའི་ཕོ་སར་འགྲིམ་འགྲུལ་ལས་ཁང་གི་ལས་བྱེད་སོགས་ནས་བཟོ་རོགས་བྱེད་ཀྱི་འདུག་པར་ཁོ་ཚོར་མི་རེར་སྒོར་ ༥༠༠།༠༠ རེ་སྤྲོད་དགོས་འདུག

ཕུན་ཚོགས་གླིང་ནས་ཤི་ལི་གུ་རི་བར་ཞོག་པ་ཚོུད་ ༧་༠༠ ཐོག་འབྲུག་གཞུང་གི་སྣུམ་འཁོར་ (Bus) འདུག་པ་གླ་ཡོན་སྒོར་ ༡༡༠་༠༠ མ་གཏོགས་གནས་ཀྱི་མི་འདུག ཉིན་གཅིག་སྔོན་ནས་ཀྲི་སི་སྔ་འདོན་བཅད་ཆོག་གི་འདུག ཤི་ལི་གུ་རིར་རྡོ་རྗེ་གླིང་ཟུར་གདོང་ (Darjeeling Mor) དུ་སླེབ་སྐབས་མར་བབས་ཏེ་འཁོར་ལོ་གསུམ་ཅན་(Auto Ricksha) ལ་སྒོར་ ༣༠༠་༠༠ སྤྲད་ཚེ་བག་ཌོ་ར་གནམ་ཐང་བར་སྐྱེལ་གྱི་འདུག དེ་མིན་གླ་འཁོར་ཆུང་བའི་ནང་སྐྱོད་རྒྱུ་ཡིན་ཚེ་བག་ཌོ་ར་ནས་ཕུན་ཚོགས་གླིང་ངམ་ཕུན་ཚོགས་གླིང་ནས་བག་ཌོ་ར་གནམ་ཐང་བར་སྒོར་ ༣༠༠༠་༠༠ ཉུང་མཐར་གནས་ཀྱི་འདུག

འབྲུག་ནང་ཁུལ་ཐིམ་བུ་དང་། བུམ་ཐང་། པ་རོ་བཅས་ཀྱི་གནས་མཇལ་ཆ་ཚང་ཆེད་གླ་འཁོར་ཆུང་བ་ཟུར་མངགས་ (Reserve) གནང་རྒྱུ་ཡིན་ཚེ་ཉིན་རེ་སྒོར་ ༣༠༠༠་༠༠ ལྷག་བྱེད་ཀྱི་འདུག་པ་དང་། ཡང་དེ་ལྟར་མ་བྱས་པར་གནས་སོ་སོའི་ཆེད་གླ་འཁོར་ཉིན་རེ་བཞིན་ཟུར་མངགས་གནང་ཚེ་འགྲོ་སོང་ཆུང་བ་ཡོད་བཟོ་ཡང་། ཐིམ་བུ་ནས་བུམ་ཐང་དང་བུམ་ཐང་ནས་ཐིམ་བུ་བཅས་ཕར་ཚུར་གླ་འཁོར་ཆུང་བའི་གླ་སྒོར་ ༧༠༠༠་༠༠ ནས་ ༨༠༠༠་༠༠ ཙམ་གནས་ཀྱི་ཡོད་འདུག གླ་འཁོར་ཆུང་བ་ཞིག་ནང་མི་བཞི་ཤོང་གི་ཡོད་སྟབས་གནས་མཇལ་སྐབས་མི་བཞི་རེ་བྱེད་དེ་ཕེབས་ཐུབ་ན་འགྲོ་སོང་ཆུང་ཁྱད་ཡོང་རྒྱུ།

ཆ༽ མཇུག་བསྡོམས།
གོང་གསལ་དགོན་པ་དང་ལྷ་ཁང་ཁག་གི་དབྱིན་ཡིག་ཐོག་གྱི་མཚན་ Bhutan Popular Attractions ཞེས་པའི་ཕྱག་དེབ་ནང་གང་འཁོད་པ་ལྟར་བཀོད་ཡོད་པ་དང་། ཡང་བོད་ཡིག་ནང་བཀོད་པའི་མཚན་ཁག་གཅིག་ཁ་གསལ་མེད་སྟབས་དབྱིན་ཡིག་ནས་གོ་བ་གང་ལེན་ཐུབ་པ་ལྟར་བཀོད་ཡོད།

ཡང་ལྷ་ཁང་སོ་སོའི་རྟེན་གཙོ་དང་རྟེན་གཞན་གང་ཡོད་ཐོ་འགོད་མ་ཐུབ་པ་ནས་འདིར་བཀོད་ཐུབ་མ་སོང་བ་དང་། གནས་མཇལ་ཕེབས་མཁན་རིགས་ནས་མ་འོངས་པར་གནས་མཇལ་ཕེབས་མཁན་ལ་དགོངས་པ་བཞེས་ཏེ་རྟེན་ལྷ་ཁང་སོ་སོའི་ནང་གི་རྟེན་སྐོར་གུས་པར་གློག་འཕྲིན་བརྒྱུད་འབྲེལ་བ་གནང་ཚེ་གུས་ནས་སྐབས་མཚམས་སོ་སོར་ཕར་སྣོན་ཞུ་འཐུས་ཆོག་པ་དང་། དེ་མིན་གོང་འཁོད་གནས་ཚུལ་ཁོངས་འཕར་སྣོན་དང་ནོར་བཅོས་དགོས་རིགས་ཀྱང་འབྲེལ་བ་གནང་ཚེ་བཀྲིན་བླ་མེད་དུ་ཆེ་ཞེེས་ཞུ་རྒྱུ་ཡིན།