༄༅། །དཔལ་ལྡན་མཚུངས་མེད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུས་རྒྱུན་ལས་རྣམ་པ་ལྷན་རྒྱས་མཆོག་གི་

༧ཞབས་དྲུང་དུ།



གུས་འབངས་ཁེ་ཎ་ཌའི་གྲོང་ཁྱེར་ཁྲོ་རོན་ཁྲོར་གནས་སྡོད་རྒྱལ་སྟོང་དགེ་ལེགས་ནས་ཞུ་གསོལ་སྙིང་པོར།

མདོར་བསྡུས་ཏེ་ཞུས་ན།

ཁེ་ཎ་ཌ་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་གཙོ་ཡིན་པའི་ཆ་ནས་སྐུ་ཞབས་ནོར་བུ་ཚེ་རིང་ལགས་ཀྱིས་རང་གི་བསྒྲུབ་བྱའི་ལས་འགན་རྣམས་ས་གནས་མི་མང་གི་ཡིད་ཆེས་རྙེད་པ་ཞིག་གནང་མ་ཐུབ་པ་དང་། ལས་དོན་ཕྱི་གསལ་ནང་གསལ་མ་གནང་བའི་རྐྱེན་གྱིས་མི་མང་ལ་ཕན་མེད་གནོད་སྐྱེལ་ཤུགས་ཆེ་བྱུང་བ། ཕྱི་ལོ་༢༠༡༡ ལོར་ཁོང་རང་བོད་མི་མང་སྤྱི་འཐུས་འོས་འདེམས་ཡོང་ཐབས་ཆེད་མང་ཚོགས་ལ་དྲིལ་བསྒྲགས་གནང་བའི་སྐབས་མི་མང་གི་འགྲོ་གྲོན་ཐོག་ནས་རང་གི་འདོད་དབང་ཚད་ལས་བརྒལ་བ་བེད་སྤྱོད་བྱས་པ།

ཁེ་ཎ་ཌའི་སྒོར་༧༠,༠༠༠སྤྲད་པའི་ PricewaterCoopers གི་ཁྲིམས་དོན་དཔྱད་ཞིབ་ནང་ཁོང་གི་བྱས་རྗེས་ལ་སྐྱོན་བརྗོད་དྲག་པོ་དེ་འདྲ་ཞིག་བྱས་ཡོད་ཀྱང་ད་དུང་མུ་མཐུད་དེ་རང་གི་ནག་ཉེས་ངོས་ལེན་མ་གནང་

བ་བཅས་རྒྱུ་མཚན་འདི་དག་ལ་བརྟེན་ནས་གུས་པས་སྐུ་ཞབས་ནོར་བུ་ཚེ་རིང་ལགས་སུ་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་ཀྱི་མཚན་གནས་ནས་དགོངས་པ་ཞུ་དགོས་ཞེས་ཞུ་ཡི་ཡོད། ཁོང་ལ་སྐབས་དེ་དུས་མཚན་གནས་དེ་ཆེ་མཐོང་དང་གུས་བཀུར་འོས་པའི་གནས་སྟངས་ཤིག་གི་ཐོག་ནས་ཐོབ་མེད་པ་ད་ཆ་ང་ཚོས་ཤེས་ཀྱི་ཡོད།

དངོས་འབྲེལ་བྱས་ན་སྐུ་ཞབས་ནོར་བུ་ཚེ་རིང་ལགས་ནས་ཕྱི་ལོ་༢༠༡༦ ལོའི་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མིར་བཞེངས་རྒྱུའི་ཆེད་གཞུང་འབྲེལ་བཀའ་འཁྲོལ་ཞུས་གནང་ན་མ་འགྲིགས་པ་གང་ཡང་ཡོད་མ་རེད། འོན་ཀྱང་དེ་ལྟར་ཡོང་བ་ལ་གཞི་བཅོལ་ཡུལ་གཙོ་བོ་ནི་ཁོང་གིས་སྔར་མཛད་རྗེས་བཟང་པོ་ཇི་ཙམ་བཞག་ཡོད་པ་དང་། ད་ཆ་བདེན་པའི་དོན་དམར་རྗེན་དུ་ཐོན་པ་ལ་བརྟེན་ནས་བྱུང་བའི་ཁུར་ལྕི་པོ་ཞིག་གིས་ནོན་པ་དང་མཉམ་དུ་ཕེབས་དགོས།



ཐུགས་སྣང་མཛད་རྒྱུ།

བོད་ཡིག་ཐོག་ཕབ་བསྒྱུར་ཞུས་པའི་ཞུ་སྙན་འདིའི་བརྗོད་དོན་གཙོ་བོ་དབྱིན་ཡིག་ཏུ་ཡོད་དེར་གཞི་བཅོལ་རོགས་གནང་།

In a nut shell:

Given Norbu la’s failed fiduciary responsibilities as President of Tibetan Canadian Cultural Centre;

Disservice to the community due to utter lack of transparency and extreme liberties taken at communities expense while he was running for

Chithue in 2011; His continued non acceptance of accountability even after the scathing $70K Price Water Cooper’s

Forensic Report made public, I call upon Norbu Tsering la to step down from his current position as

Chithue Representative of North American. The position which was won under what we now know to be less than

honourable circumstances. Norbu la is indeed free to seek a proper mandate in 2016 for Chithue of North America

position, but he will need to do so based on his past merits along with the burden he now carries from the exposed hidden truths.



For a complete review of the details, please see attached documents in both Tibetan and English.

Please note the English version is the original document from which the Tibetan translation was made.

Respectfully,



Gelek Gyaltong,

35 Boardwalk Drive, Suite 211.

Toronto, Ontario. Canada. M4L 3Y8.

Tel: 416-457-4105. Email: gg4tibet@gmail.com

letter to Tibetan Parliament in Tibetan-copy

letter to Tibetan Parliament in English-original