༄༅། མཉམ་མེད་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ།
༄༅༅། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།

ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ༎ མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང༌༎
མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས༎ ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ༎
ཟླ་མེད་སྟོན་པ་དེ་ཡི་སྲས་ཀྱི་མཆོག༎ རྒྱལ་བའི་མཛད་པ་ཀུན་གྱི་ཁུར་བསྣམས་ནས༎
གྲངས་མེད་ཞིང་དུ་སྤྲུལ་པས་རྣམ་རོལ་པ༎ མི་ཕམ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ༎

ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ༎ ཇི་བཞིན་དགོངས་པ་འགྲེལ་མཛད་འཛམ་གླིང་རྒྱན༎
ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན༎ ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ༎
ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི༎ ཟབ་མོའི་ལྟ་བ་རྒྱ་ཆེན་སྤྱོད་པའི་ལམ༎
མ་ནོར་ཡོངས་སུ་རྫོགས་པའི་གནད་བསྡུས་པའི༎ གདམས་པའི་མཛོད་འཛིན་མར་མེ་མཛད་ལ་འདུད༎

རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག༎ སྐལ་བཟང་ཐར་པར་བགྲོད་པའི་འཇུག་ངོགས་མཆོག
བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས༎ གསལ་མཛད་བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ༎
དེང་དུས་རྣལ་འབྱོར་བརྩོན་རྣམས་ཐོས་པ་ཉུང༌༎ མང་ཐོས་ཉམས་ལེན་གནད་ལ་མི་མཁས་ཤིང༌༎
ཕལ་ཆེར་གསུང་རབ་བལྟ་ལ་ཕྱོགས་རེའི་མིག༎ ལུང་དོན་རིགས་པས་འབྱེད་པའི་མཐུ་མེད་པས༎

བསྟན་པའི་གནད་རྣམས་རྫོགས་པའི་གདམས་པ་མཆོག༎ མཁས་པ་དགྱེས་པའི་ལམ་དང་བྲལ་མཐོང་ནས༎
ཤིང་རྟ་ཆེན་པོའི་ལམ་འདི་བཤད་པ་ལ༎ བདག་གི་ཡིད་ནི་ཀུན་ནས་སྤྲོ་བར་གྱུར༎
གང་དག་ཕྱོགས་འཛིན་མུན་པས་མ་བསྒྲིབས་ལ༎ ལེགས་ཉེས་འབྱེད་པའི་བློ་ཡི་མཐུ་ལྡན་ཞིང༌༎
དལ་བའི་རྟེན་བཟང་དོན་ལྡན་བྱེད་འདོད་པའི༎ སྐལ་ལྡན་དེ་རྣམས་རྩེ་གཅིག་བསྒྲིམས་ཏེ་ཉོན༎

ལམ་རིམ་ཆེ་མོ། -༡
སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལས། -༢
འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པ་ལས། -༣
སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་སྦྱང་བ་ལས། -༤
སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལས། ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད། -༥
སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། -༦
ཤེས་རབ་ཕར་ཕྱིན། -༧
བསམ་གཏན་གྱི་ངོ་བོ་ཞི་གནས། -༨
ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ལ་ཇི་ལྟར་བསླབ་པའི་ཚུལ།-༩
རང་ལུགས་ཀྱི་དགག་བྱ་ངོས་བཟུང་ལས། -༡༠
བྱེད་པ་དེ་ལ་བརྟེན་ནས་ལྟ་བ་རྒྱུད་ལ་བསྐྱེད་པ། ༡༡ ཐ་མ།

For corrections or suggestions contact tsering.karma@gmail.com
I encourage you to download these pages for OFF line study; Explorer: File Save As