༈གླང་རེ་ཐང་པ་རྡོ་རྗེ་སེང་གེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་པ་བཞུགས་སོ།
Eight Verses for Developing the Good Heart, Compossed by Geshe Langri Thangpa Dorjee Singhe (1054-1123).

བློ་སྦྱོང་།
Mindful Training

1
༈ བདག་ནི་སེམས་ཅན་ཐམས་ཅད་ལ།
།ཡིད་བཞིན་ནོར་བུ་ལས་ལྷག་པའི།
།དོན་མཆོག་སྒྲུབ་པའི་བསམ་པ་ཡི།
།རྟག་ཏུ་གཅེས་པར་འཛིན་པར་ཤོག
May I consider all sentient beings,
Dearer than Wish-Fulfilling-Gem.
Best wishes in mind,
Forever hold them dear.

2
།གང་དུ་སུ་དང་འགྲོགས་པའི་ཚེ།
།བདག་ཉིད་ཀུན་ལས་དམན་བསྟ་ཞིང༌།
།གཞན་ལ་བསམ་པ་ཐག་པ་ཡིས།
།མཆོག་ཏུ་གཅེས་པར་འཛིན་པར་ཤོག
Whenever whoever I am with
May I see myself least important.
And sincerely others in mind,
Hold them dearly highest.

3
།སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ།
།རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག
།བདག་གཞན་མ་རུངས་བྱེད་པས་ན།
།བཙན་ཐབས་གདོང་ནས་བཟློག་པར་ཤོག
Always observe my behaviour.
Negative thoughts may arise,
[and]Hurt myself and others.
Confront and suppress it with force.

4
།རང་བཞིན་ངན་པའི་སེམས་ཅན་ནི།
།སྡིག་སྡུག་དྲག་པོས་ནོན་མཐོང་ཚེ།
།རིན་ཆེན་གཏེར་དང་འཕྲད་པ་བཞིན།
།རྙེད་པར་དཀའ་བའི་གཅེས་འཛིན་ཤོག
For unpleasant sentient being is,
Overwhelmed by bad-karma and suffering.
When stumble upon rare treasure,
Cherish and empathise.

5
།བདག་ལ་གཞན་གྱིས་ཕྲག་དོག་གིས།
།གཤེ་སྐུར་ལ་སོགས་མི་རིགས་པའི།
།གྱོང་ཁ་རང་གིས་ལེན་པ་དང༌།
།རྒྱལ་ཁ་གཞན་ལ་འབུལ་བར་ཤོག
Out of envy others may,
Insult, abuse and treat me unjustly.
May I accept [freewill] defeat and loss,
And offer victory to them.

6
།གང་ལ་བདག་གིས་ཕན་བཏགས་པའི།
།རེ་བ་ཆེ་བ་གང་ཞིག་གིས།
།ཤིན་ཏུ་མི་རིགས་གནོད་བྱེད་ནའང།
།བཤེས་གཉེན་དམ་པར་བལྟ་བར་ཤོག
Whom I have helped,
With great expectation.
Did immense harm and unjust in return.
May I see him as my true teacher.

7
།མདོར་ན་དངོས་དང་བརྒྱུད་པ་ཡིས།
།ཕན་བདེ་མ་རྣམས་ཀུན་ལ་འབུལ།
།མ་ཡི་གནོད་དང་སྡུག་བསྔལ་ཀུན།
།གསང་བས་གདག་ལ་ལེན་པར་ཤོག
In essence, directly or indirectly,
Offer total wellness to mothers.
Suffering and pain of mothers,
Inconspicuously take upon myself.
8
།དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི།
།རྟོག་པའི་དྲི་མས་མ་སྦགས་ཤིང༌།
།ཆོས་ཀུན་སྒྱུ་མར་ཤེས་པའི་བློས།
།ཞེན་པའི་འཆིང་བ་ལས་གྲོལ་ཤོག
All above be free from
eight compromises of Acquired Concept.
Recognizing all phenomena is illusory,
May I be free from bondage of disgusting Attachment.


Transliteration: kt

For Pecha/text corrections/suggestions/help contact: dharmadrokpo@yahoo.com
I encourage you to download these pages for OFF line study; Explorer: File Save As