༄༄། དཔལ་ལྡན་ས་སྐྱོང་བོད་མིའི་སྒྲིགས་ཚུགས་ཀྱི་ཚོགས་གཙོ་མཆོག་གི་དབུས་བཀུར་འོས་སྤྱི་འཐུས་ལྷན་རྒྱས་ཞབས་པད་་མངོན་མཐོའི་དྲུང་དུ།

གུས་ཁེ་ཎ་ཌ་གཞིས་ཁོངས་བསྟན་པ་ལེགས་ཚོགས་ནས་ཕྱག་བཅས་ཞུ་རྙིང་། རང་རེའི་བྱང་ཨ་རིའི་སྤྱི་འཐུས་ནོར་བུ་ཚེ་་རིང་ལགས་མི་མང་གི་སྐུར་འོས་ཆེ་བས་དབུ་ཁྲིད་ཞིག་ལ་ངོས་འཛིན་ཞུ་དཀའ་བའི་ལུགས་རྒྱུད་གཤམས་གསལ་རིམ་བཀོད་ཞུས་ཡོད་པར་གཟིགས་དཔྱད་ཀྱིས་ཁོང་ཉིད་རང་རེའི་སྤྱི་འཐུས་ནས་དགོང་ཞུ་གནང་དགོས་པའི་བཀའ་ཆད་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན།

དེ་ཡང་ནོར་བུ་ཚེ་རིང་ལགས་ང་ཚོའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གནང་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་ཁང་གི་དབུ་འབྱེད་ཐེངས་གཉིས་པ་དེ་ ༢༠༡༠ ཟླ་བ་བཅུ་པའི་ནང་གདན་ཞུ་གནང་བ་རེད། དེའི་སྐབས་༧གོང་ས་མཆོག་ནས་བཀའ་སློབ་བརྩལ་དོན་ལ་ ” ཁྱེད་རང་ཚོའི་ཚོགས་ཁང་འདི་དོད་པོ་འཇུག་སའི་དོད་ཁང་འདྲ་པོ་ཞིག་འདུག་ང་ཡང་སྐྱར་ཡོང་དགོས་ས་རེད་” ཞེས་བཀའ་བརྩལ་བར།་འདི་གའི་མི་མང་རྣམས་ཧ་ཅང་དགའ་པོའི་ཐོག་སླར་ཡང་༧གོང་ས་མཆོག་འཆིབ་འགྱུར་གནང་རྒྱུའི་གོ་སྐབས་ཡོང་རྒྱུར་དགའ་དད་སྤྲོ་གསུམ་ངང་གནས་ཡོད་རུང་སྟབས་མ་ལེགས་པ་ཞིག་ལ་ནོར་བུ་ཚེ་རིང་ལགས་ཀྱིས་ཁང་བཟོའི་ལས་གཞི་དེ་ཐོག་གོ་རིམ་ལྡན་པའི་ཆར་གཞི་མེད་པ་མ་ཟད་རྒྱུན་ལས་དང་མི་མང་ཚོར་གོ་བརྡུར་གསལ་བཤད་མེད་པའི་ངང་ཚོགས་ཁང་སྒོ་རྒྱབ་ཏེ་མཐར་༢༠༡༡ ལོར་ཚོགས་གཙོ་གསར་པ་ཀུན་བཟང་ལགས་ཀྱིས་དབུས་རྒྱུན་ལས་གསར་པ་ཚོར་རྩིས་སྤྱད་དེ་ཁོང་རང་བོད་མི་མང་སྤྱི་འཐུས་ཀྱི་ཞབས་སྟེག་ཐོག་ཕེབས་པ་རེད་།

རྒྱུན་ལས་གསར་པ་ཚོས་མི་མང་ཛ་དྲག་གྱི་ཚོགས་འདུ་བསྐོངས་སྟེ་ཚོགས་ཁང་གི་གནས་སྟངས་གསལ་བཤད་གནང་བར་ང་ཚོའི་ཚོགས་ཁང་ཉོས་པའི་སྐབས་ཀྱི་བུ་ལོན་དང་བར་དུ་ནོར་བུ་ལགས་ཀྱིས་དངུལ་ཁང་ནས་མི་མང་ལ་གོ་བརྡུར་ཙ་བ་ནས་མེད་པའི་ཌོ་ལར་འབུམ་བདུན་གཡར་ཡོད་པ་དང་དེ་བཞིན་ཁང་པ་བཟོ་བཅོད་རྒྱབ་མི་སོ་སོར་བུ་ལོན་ཡོད་པ་མ་ཟད་ཁང་པ་བཟོ་བཅོད་རྒྱབ་མི་སོ་སོས་ཁྲིམ་ནང་ཁ་ཆུར་སྐྱལ་སྟེ་ཁང་པའི་ནང་སུ་ཞིག་འགྲོ་མི་ཆོག་པའི་གནས་ཚུལ་དང་གལ་སྲིད་ཁང་པ་འདི་ཙོང་པའི་དབང་དུ་བྱས་རུང་ཁང་པའི་རིན་འབབ་ནས་བུ་ལོན་ཚང་མ་སྤྲོད་མ་ཐུབ་པ་ཡིན་དུས་གནས་སྟངས་འདི་ལ་སྤགས་པའི་རྒྱུན་ལས་ཚོའི་ངོས་ནས་ང་ཚོར་རྒྱུན་དུ་བོད་པར་རོགས་སྐྱོར་གནང་མཁན་དང་སློབ་སྟོན་པ་འགའ་ཤས་ལ་བཀའ་སློབ་ཞུས་པས་ཁོང་ཚོས་གསུང་ན་འདི་ཁུལ་གྱི་མི་ཡིན་ན་ ( bankruptcy) བྱེད་ཀྱིན་རེད་ཁྱེདརང་ཚོ་བསམ་ཞིབ་གང་ལེགས་བྱེད་དགོས་རྩ་བའི་ཁང་པའི་གནས་སྟངས་ཧ་ཅང་སྐྱོ་པོ་རེད་འདུག་གསུང་བྱུང་ན་མི་མང་ཚོས་བསམ་ཞིབ་ཀྱིས་ཐག་གཅོད་བྱ་དགོས་པའི་དགོང་འཆར་གསུང་ཡོད་མི་མང་རྣམས་ཧང་གསང་ཧོན་ཐོར་གྱིན་ངང་གྲོད་བསྡུར་བྱས་ཏེ་མང་མོས་ཐོག་ནས་གནས་ཚུལ་འདི་ནི་བསམ་ཡུལ་ལས་སྡད་པའིགནས་སྟངས་ཞིག་ཡིན་རུང་ང་ཚོས་བོང་བུ་ཐོན་པའམ་ ( bankruptcy ) ཕྱིན་པ་ཡིན་ན་བོད་པའི་ཞབས་འདྲེན་དང་ལྷག་པར་༧གོང་ས་མཆོག་གི་མཚན་ཤས་སུ་འགྲོ་རྒྱུར་སོང་འདི་ལྟར་བྱ་མི་དགོས་པ་ནས་མི་མང་ནས་ཞལ་འདེབས་རྒྱ་གང་ཆེ་གནང་རྒྱུ་དང་། དེ་བཞིན་རང་རེའི་ནང་ཕྱག་དངུལ་ཡོད་རིགས་ནས་བསྐྱེད་མེད་བུ་ལོན་གཡར་གནང་དགོས་པ་དང་། དེ་དང་ཆབས་ཅིག་མི་རེ་ནས་ཚོགས་དངུལ་ཟླ་རེར་ཌོ་ལར་བཅུ་རེ་འབུལ་ལམ་ཞུ་དགོས་པའི་ཐག་བཅོད་གནང་སྟེ་ཚོགས་ཁང་འདི་སྐྱོབས་ཐུབ་པ་བྱུང་ཡོད།

གཉིས་པ། ནོར་བུ་ལགས་ནས་ཚབ་ཆེའི་ནོར་འཁྲུལ་བྱུང་བ་ནི་ཐོག་མར་ཁང་པ་མ་ཉོས་གོང་མི་མང་ལ་གསལ་བསྒྲགས་གནང་སྐབས་ཁང་པ་འདི་བཟོ་གྲ་ཞིག་ཡིན་ཡང་བརྟག་དཔྱད་བྱས་མཐར་དེའི་ནང་དུག་རྫས་རིགས་ཀྱི་གནོད་སྐྱོན་མེད་ལུགས་གསུང་ཡོད་རུང་རྗེས་སུ་ཁང་པ་བཟོ་བཅོས་བྱེད་སྐབས་དུག་རྫས་ཀྱིས་ནུས་པ་ཡོད་པ་ཐོན་སྟེ་དེ་གཙང་མ་བཟོ་རྒྱུར་དངུལ་ཕོན་ཆེ་ཕྱིན་ཡོད་པ་མིག་མཐོང་ལག་ཟིན་ཡིན་རུང་ཐོག་མར་བརྟག་དཔྱད་བྱེད་མི་ནས་ང་ཚོར་གུན་བསབ་གང་ཡང་ལེན་མེད་པ་དང་། དེ་བཞིན་དེ་སྐབས་ཚོགས་པར་དངུལ་མེད་བཞིན་པ་མ་ཟད། དཔལ་འབྱོར་འདུ་རུབ་བྱ་རྒྱུར་དཀའ་ངལ་ཡོད་པ་ཤེས་བཞིན་དུ་ཁང་པ་མགོ་འཇུག་ཚང་མ་གཏོར་བཤིག་བཏང་བ་ལ་རྟེན་དུས་ད་ལྟ་འང་ཚོགས་ཁང་ཙམ་ལས་ཚོགས་ཁང་གི་རྒྱབ་ཏུ་སྐུ་གསུང་ཐུགས་རྟེན་ཡོད་པའི་ལྷ་ཁང་དང་། མདུན་དུ་ཡོད་པའི་༧གོང་ས་མཆོག་གི་གཟིམ་ཆུང་སོགས་ཁག་གཅིག་བཟོ་གཅོད་ཙ་བ་ནས་མ་ཐུབ་པར་དེ་མུར་ལུས་སྡད་ཡོད་པ་དང་། ད་དུང་ཚབ་ཆེ་བ་ཞིག་ནི་ཀ་ཎ་ཌ་དབུས་གཞུང་ནས་རོགས་རམ་རགས་ཐབ་ལ་དྲངས་བདེན་མིན་པའི་ཡིག་ཆ་བཟོས་ཡོད་ན་དེ་ནི་ཧ་ཅང་ཉེན་འགལ་ཆེ་བས་བྱ་སྤྱོད་ཞིག་ཡིན་ གང་ལ་ཞེས་ན་གནས་ཚུལ་འདི་ཀ་ཎ་ཌ་གཞུང་དང་འབྲེལ་ཡོད་ཁག་ནས་ཤེས་རྟོག་བྱུང་ཚེ་ང་ཚོ་བོད་མིའི་མཚན་ཤས་ནམ་མཁར་མི་གཤོངབ་་ཡོང་རྒྱུ་གདོན་མི་ཟ་ཡིན། གནས་ཚུལ་གཞན་ཞིག་གོང་དུ་བཀོད་པ་ལྟར་རྒྱུན་ལས་ཚང་མས་ཤེས་བརྟོག་མེད་པ་དང་མི་མང་གི་རྩ་བ་ནས་མ་ཤེས་པས་དངུལ་ཁང་ནས་ཛ་དྲག་གི་གཡར་བའི་ཌོ་ལར་འབུམ་བདུན་དེ་ཧ་ཅང་ཉེན་འགལ་ཆེ་བའི་བུ་ལོན་ཞིག་ཡིན་ཅིང་ དངུལ་འབོར་འདི་དངུལ་ཁང་ནས་ག་དུས་དགོས་ཟེར་བའི་རྡ་ཁྱབ་དང་འབྲེལ་ཚེས་གྲངས་བཀོད་ཡོད་ན་སྐབས་སྟུན་སྤྲོད་མ་ཐུན་ན་ཁང་པ་རང་བཞིན་གྱི་ཤོར་རྒྱུ་ལས་བྱ་ཐབ་མེད་པར་རྟེན་ཚོགས་གཙོ་ཚེ་རིང་མཚོ་མོ་ལགས་ཀྱིས་དབུས་རྒྱུན་ལས་རྣམས་པས་སླར་ཡང་ཞལ་འདེབས་འབོད་སྐུལ་གནང་སྟེ་ཚབ་ཆེའི་ཉིན་འགལ་་དེ་མེད་པ་ཞིག་བཟོ་ཐུབ་པ་བྱུང་ཡོད།

གསུམ་པ། ད་བར་ང་ཚོའི་ཚོགས་ཁང་འདིར་འགྲོ་སོང་ཕྱིན་པ་༧གོང་ས་སྐྱབས་མགོན་ཆེན་པོའི་ཐེབ་རྩ་་དང་། ཀ་ཎ་ཌ་དབུས་དང་ས་གནས་གཞུང་། ཕྱི་ནང་མི་མང་ནས་ཞལ་འདེབས་ཕུལ་བ། རྒྱུན་ལས་རིམ་པ་སོ་སོས་དཔལ་འབྱོར་འདུ་རུབ་གནང་བ་བཅས་ཌོ་ལར་ས་ཡ་བརྒྱད་ཙམ་ཕྱིན་པ་དང་། ད་དུང་ས་ཡ་གཉིས་ནས་གསུམ་བར་བུ་ལོན་སྤྲོད་འདས་ཆགས་ཡོད། ས་ཁང་ད་ལྟ་ཚོང་སྒྱུར་བྱས་ཚེ་ཌོ་ལར་ས་ཡ་གཉིས་ལྷག་ཙམ་ལས་རག་ཡག་མེད་པས་གནས་སྟངས་སུ་སླེབ་ཡོད་ཞུ་རྒྱུ་ཡིན་པ་མཟད། ཟླ་རེའི་ཚོགས་ཁང་གི་འགྲོ་སོང་ཌོ་ལར་ ༢༥༠༠༠ ནས་ ༣༠༠༠༠ བར་འགྲོ་བཞིན་ཡོད་པ་བཅས་ལ་རྟེན་འདི་གའི་རྒྱུན་ལས་ནས་སླར་ཡང་༧གོང་ས་མཆོག་གི་ཐེབ་རྩར་རོགས་རམ་ཞིག་ཡོང་བའི་འབོད་སྐུལ་ཞུས་པར་སྐབས་དེར་འདི་ཁ་ས་གནས་སུ་ཐེབ་རྩའི་མཛད་གཙོ་རྣམས་པ་དང་། ཨ་རི་སྐུ་ཚབ་དོན་གཅོད་མཆོག་དེ་བཞིན་༧གོང་ས་མཆོག་གི་ཐེབ་རྩའི་སློབ་སྟོན་པ་མཆོག་གཟིགས་སྐོར་དུ་ཕེབས་སྟེ་བཀའ་སློབ་ཕེབས་དོན་ལ་ཚོགས་ཁང་འདིའི་གནས་སྟང་དངུལ་འབོར་ཆེན་པོ་དེ་ཙམ་བཏང་་བའི་གནས་འབབ་ཞིག་རྩ་བ་ནས་མི་འདུག་ང་ཚོས་སྐྱར་དུ་འདིའི་ཐོག་རོགས་རམ་བྱ་ཐབ་མི་འདུག་ཞེས་དང་། ལྷག་པར་སློབ་སྟོན་པ་མཆོག་གིས་འདིའི་ཐོག་རྩིས་ཞིབ་ཞིག་ངེས་པར་གཏོང་དགོས་པའི་བཀའ་སློབ་ནན་རྟེན་གནང་ཡོད་པ་མི་མང་གི་ཚོགས་འདུའི་ཐོག་དེ་སྐབས་ཀྱིས་རྒྱུན་ལས་ཚོས་གསལ་བསྒྲགས་གནང་སོང་བས་བབས་ཞུ་དང་།

བཞི་པ། གོང་དུ་༧གོང་ས་མཆོག་གི་ཐེབ་རྩའི་སློབ་སྟོན་པ་མཆོག་གི་དགོང་གཞི་དང་། འདི་ག་ས་གནས་མི་མང་གི་བསམ་ཚུལ་ལྷག་པར་མི་མང་ཚོགས་འདུའི་ཐོག་ང་ཚོའི་གནས་ཚུལ་ཐབ་སྐྱོ་པོ་འདིའི་རྐྱེན་རྩ་གང་ནས་བྱུང་མིན་ངེས་པར་རྩིས་ཞིབ་ཞིག་དགོས་པ་དང་། དེ་ཡང་བོད་མིའི་སྒྲིགས་བཙུག་བཀའ་སྤྱི་གཉིས་ནས་གནང་ཐབ་བྱུང་ན་བསམ་པའི་རེ་བ་་ཞུས་པ་མ་ཟད། ༢༠༡༣ ལོར་འདི་གའི་ཚོགས་གཙོ་ཟུར་པ་ཀུན་བཟང་བསྟན་འཛིན་ལགས་དང་། དགེ་ལེགས་རྒྱལ་སྟོང་ལགས་ནས་ཞིབ་ཁྲའི་གནས་ཚུལ་ཕུལ་ཡོད་པ་དང་དེ་བཞིན་སྤྱི་མཐུན་ཚོགས་པ་རང་ནས་མི་མང་ཚོགས་ཆེན་ཐོག་ཚིག་ཐོ་གཞི་ཟུང་བརྙན་འབུལ་ཞུས་ཡོད་རུང་གྲོས་ཚོགས་ནས་དོན་སྨིན་བསོན་པ་གང་ཡང་མ་་བྱུང་ན་བློ་ཕམ་གི་རང་བཞིན་ལས་མ་བསྡད་ཞེས་ཞུ་རྒྱུ་ཡིན། ཡིན་ན་ཡང་གནས་ཚུལ་འདི་མུར་ཞག་ཐབ་དཀའ་བས་གང་ལགས་ཞེ་ན་འདི་ནི་སྤྱིར་༧གོང་ས་མཆོག་གི་དབུས་བོད་མི་སྤྱི་བོ་གནམ་སྟན་ཡོང་དང་། ལྷག་པར་ས་གནས་སྔ་སྡེ་འདིའི་ནང་གནས་པའི་བོད་མི་རྣམས་ཀྱི་གཅེས་པར་འཛིན་པའི་རིགས་གཞུང་སྟེ་གནས་ཞིག་ལ་ངོས་འཛིན་གྱིས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་གཙོ་ཚེ་རིང་མཚོ་མོ་ལགས་ཀྱིས་དབུས་རྒྱུན་ལས་རྣམས་པས་སྐུ་ངལ་ལ་མ་ལྟོས་པར་༧གོངས་སྐྱབས་མགོན་ཆིན་པོའི་ཐེབ་རྩའི་སློབ་སྟོན་པར་རྩིས་ཞིབ་ཀྱི་་འགྲོ་སོང་རོགས་རམ་ཡོང་བ་ཞུ་གནང་དང་འབྲེལ་འདི་ག་ས་གནས་སུ་ཡོད་པའི་རྩིས་ཞིབ་ཁུངས་བརྟན་ ( forensic accounting, power point presentation PWC) ཞེས་པས་རྩིས་ཞིབ་ལེགས་པར་མཛད་དེ་འཇུག་འབྲས་སྙན་ཐོ་དེ་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན་མི་མང་ཚོགས་ཆེན་ཐོག་གསལ་བསྒྲགས་བརྩལ་པ་རེད། དེའི་གླ་ཆ་ཌོ་ལར་ཁྲི་བདུན་ཙམ་ཕྱིན་པ་སློབ་སྟོན་པ་མཆོག་ནས་གནང་ཡོད།

ལྔ་པ། རྩིས་ཞིབ་ཀྱི་སྙན་ཐོའི་ནང་ནོར་བུ་ཚེ་རིང་ལགས་ཀྱིས་གཙོས་བོད་མི་དང་། ཕྱི་རྒྱལ་བ་བཅས་མི་གྲངས་ཉི་ཤུ་ཙམ་ལ་འདྲི་བ་འདྲི་ལན་གནང་ཡོད་པ་དང་། སྙན་ཐོའི་ནང་རྩིས་ཞིབ་དེ་ ༢༠༠༧ ནས་ ༢༠༡༣ བར་གནང་ཡོད་པ་དང་དེའི་ནང་ནོར་བུ་ལགས་ཚོགས་གཙོ་གནང་བའི་སྐབས་དེར་འཆར་གཞི་གོ་རིམ་སྒྲིགས་པོ་མེད་པ་དང་། ལྷག་པར་རྒྱུན་ལས་དང་མི་མང་ལ་གོ་བརྡུར་ལེགས་པོ་མེད་པར་རང་ཚམས་ཀྱིས་ཐག་བཅོད་བྱས་ཡོད་པ། ཁང་པའི་ལས་གཞི་ལྟ་རྟོགས་པར་ཉམས་སྙོང་མེད་པ་མ་ཟད་མི་དེར་དེ་ལྟར་བྱེད་ཆོག་པའི་ལག་ཁྱེར་འང་མེད་པ་དང་། དེ་བཞིན་ཁང་བཟོའི་རྒྱུ་ཆ་ཅ་དངོས་ཉོ་རྒྱུ་དང་། ཁང་པ་བཟོ་བཅོས་རྒྱབ་རྒྱུའི་ཐོག་རིན་གོང་མཁེ་བ་ཡོང་སླད་སྡེ་ཚན་མི་འདྲ་བ་དང་མི་མི་འདྲ་བའི་སར་ནས་ཡིག་ཆ་ལེན་གསོལ་ཡོད་པ་ལྟར་གྱི་ཐབས་ཤེས་མ་བྱས་སྟབས་དངུལ་འབོར་ཆེན་པོ་ཕྱིན་ཡོད་པའི་རྒྱུ་ཚན་ཐོན་ཡོད་འདུག་པ་དང་། ལྷག་པར་ཀ་ཎ་ཌ་དབུས་གཞུང་ནས་རོགས་རམ་ཡོང་རྒྱུར་དམིག་སྟེ་ཁྲིམ་མཐུན་གྱི་ཡིག་ཆ་ཡོད་དང་མིན། དེ་བཞིན་ཁང་པའི་ལས་གཞིའི་ཐོག་འབྲེལ་ཡོད་མི་དེ་དག་གིས་ཁྲིམ་ཁང་ནང་ཁ་ཆུ་བཙུགས་པའི་ལན་ཙ་འང་ནོར་བུ་ལགས་ནས་ཁ་བརྟན་ཚིག་ལ་མ་གནས་པའི་རྐྱེན་ནས་བྱུང་བའི་་གནས་ཚུལ་དང་། ཕན་ཚུན་དབར་ Email བཏང་འབྱོར་བྱུང་བ་རྣམས་རིམ་པས་བཀོད་ཡོད་འདུག་པ་སོགས་དཔེ་མཚོན་ཙམ་ལས་ཞིབ་པ་རྩིས་ཞིབ་ཀྱི་སྙན་ཐོ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་འམ་གངས་ལྗོངས་ཆོས་ལྡན་གླིང་ནས་འབུལ་ལམ་ཞུས་ཡོད་ཤག་ལ་དེ་ནས་ཞིབ་ཁྲ་མཁྱེན་རྟོགས་ཡོང་བའི་རེ་བ་ཞུ་བཞིན་ཡོད།

མཐའ་དོན་རང་ཉིད་བོད་མི་དཀྱུས་མ་ཞིག་གི་བསམ་ཚུལ་མི་ཞུ་མཐུ་མི་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིགས་ཚུགས་ཀྱིས་ཡང་དགས་པའི་བཀྲིན་འོག་རང་ཉིད་ཀྱི་ཁེ་ཕན་གཅིག་པོར་མ་ལྟས་པར་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་བརྩལ་བའི་ཆ་ཤས་ཞིག་སྒྲུབ་པ་དང་། རང་ཉིད་བོད་མི་གཅིག་ཡིན་པའི་ཆ་ནས་བོད་སྤྱི་པའི་ཐོག་རང་ནུས་གང་ཐོན་བྱ་སེམས་ཀྱི་མི་མང་རྣམས་ཀྱི་ལྷག་བསམ་མཐུན་རྒྱུར་རོགས་རམ་འོག་བོད་ཀྱི་བསྟན་པ་ཆབ་སྲིད་ཆོས་དང་། རིག་གཞུང་གོམ་གཤིས་དང་བཅས་པ་འཛིན་སྐྱོང་བྱ་ཆེད་ ༡༩༨༧ ནང་ང་ཚོའི་བོད་རིགས་སྤྱི་མཐུན་ཚོགས་པ་འདི་རྩ་འཛུག་ཞུས་པ་ནས་ད་བར་འདི་གའི་མི་མང་གི་གཟིགས་སྐྱོང་འོག་གུས་ནས་མི་ལོ་ཉི་ཤུ་རྩ་དྲུག་ཙམ་རྒྱུན་ལས་རིམ་པ་དང་ཚོགས་གཙོ་སོགས་ཞུས་པ་མ་ཟད། དེ་དེ་བཞིན་ས་གནས་མི་མང་ཡོངས་ནས་ཚོགས་ཁང་འདིའི་ཐོག་དངས་བླང་གྱི་ཞབས་ཞུ་ལོ་མང་གནང་ཡོད་པ་དང་། དཔལ་འབྱོར་ཐོག་མི་ཚང་རེ་རེ་འམ་མི་རེ་རེ་ངོས་ནས་སྔ་རྗེས་ཌོ་ལར་སྟོང་ཕྲག་མང་པོ་ཕུལ་ཡོད་པ་ལ་རྟེན་ད་ཆ་ང་ཚོའི་གནས་སྟངས་ཡར་རྒྱས་སམ་རང་ཁ་རང་སོ་ཐུབ་པ་ཞིག་དགོས་རུང་སྤྱི་འཐུས་ནོར་བུ་ཚེ་རིང་ལགས་ཀྱི་དྲངས་བདེན་མ་བྱུང་བ་དང་། ཡ་རབ་སྤྱོད་བཟང་གིས་མཛད་བྱུས་ལས་འགལ་ཏེ་བོད་སྤྱིའི་རྩ་དོན་ཐོག་ལྷག་བསམ་མེད་པ་དང་། ལྷག་པར་ས་གནས་མི་མང་རྣམས་དཀའ་ངལ་གྱི་ཕྱོགས་སུ་ལྷུང་སྟེ་ད་ཆ་བྱང་ཨ་རིའི་ནང་ཡོད་པའི་བོད་མིའི་ཚོགས་པའི་ནང་ང་ཚོའི་ཚོགས་པ་འདི་དཔལ་འབྱོར་གྱི་ཐོག་ཧ་ཅང་ཉམས་ཐག་ཆགས་པ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོང་གཞི་དང་འགལ་བའི་བྱ་སྤྱོད་འདི་དུས་ནམ་ཡང་རྗེས་དཀའ་བའི་གནས་ཚུལ་ཞིག་ཏུ་སོང་བའི་བློ་ཕམ་གྱིས་རེ་སྐུལ་བསམ་ཚུལ་ཞུ་དགོས་བྱུང་བ་འདིའི་ཐོག་བོད་མིའི་སྒྲིགས་ཚུགས་ཀྱི་སྤྱི་འཐུས་གྲོད་ཚོགས་ནས་མི་མང་གི་བདེ་རྩར་གཟིགས་སྟེ་རལ་གྲི་མགོ་ལ་ཞུས་ཏེ་རྩིགས་མའི་གཞུང་དུ་འགྲོ་བའི་ཐག་གཅོད་སྐྱབས་འཇག་གྱིས་འདིར་བཀའ་ལན་ཐུང་ཙམ་ཞིག་ཀྱང་གནང་སྐྱོང་ཡོད་པ་མཁྱེེན། མཁྱེན། མཁྱེེན། ཀ་ཎ་ཌ་གྲོང་ཁྱེར་པིག་རིང་ནས་གུས་འབངས་བསྟན་པ་ལེགས་ཚོགས་ཀྱིས ༢༠༡༥ ཟླ་ ༩ ཚེས་ ༥ ཉིན་གུས་བཏུད་བཅས་ཕུལ་བའི་སྙན་ཞུ།།

འདྲ་ཤུས་འབུལ་ཡུལ།

བཀའ་དྲུང་ཡིག་ཚང་།
དགའ་ལྡན་ཕོ་བྲང་།
དབུས་བོད་མིའི་སྒྲོགས་ཚུགས་ཀྱི་འདེམ་མཁོ་ལྷན་ཚོགས།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག
གངས་ལྗོངས་ཆོས་ལྡན་གླིང་ངམ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ།
བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པ་རྒྱལ་སྟོང་དགེ་ལེགས་ལགས།
བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པ་ཀུན་བཟང་བསྟན་འཛིན་ལགས།
བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པ་ཚེ་རིང་མཚོ་མོ་ལགས།
བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ལས་ཐོག་བསོད་ནམས་ལང་ཀ་ལགས།


Tenpa Lektsog
317-1200 The Esplanade North
Pickering ON L1V-6V3 Canada
Phone # (905) 837-1400
Email tlektsog@yahoo.com